心中的父亲 (热门藏歌) - 尊追
词:岗坚秋英
曲:不丹
སེམས་ཀྱི་ཡབ་ཆེན་གངས་ཀྱི་ཉི་མ་ལགས།
རེ་བའི་རྒྱབ་རི་སྨུག་པོ་ཁྱོད་ཉིད་ཡིན།
ད་ལྟ་བསམ་ན། ཨ་ཕའི་བཀའ་དྲིན་ནམ་ཡང་བརྗེད་མེད་ཡོད།

ཕོ་རབ་ཞིག་གིས་རྩལ་དྲུག་འཛོམས་ནས་ཡོད།
ཁྱེད་ནི་བདག་གི་བརྩེ་བའི་མགོན་པོ་ཡིན།
ད་ལྟ་བསམ་ན། ཨ་ཕའི་བཀའ་དྲིན་ནམ་ཡང་བརྗེད་མེད་ཡོད།
ད་ལྟ་བསམ་ན། ཨ་ཕའི་བཀའ་དྲིན་ནམ་ཡང་བརྗེད་མེད་ཡོད།
ཤེས་འཇོན་སྤྱོད་བཟང་ཅན་ཞིག་ཡིན་དགོས་ཟེར།
ཁྱེད་ཀྱི་ཚིག་དེ་ནམ་ཡང་སེམས་ལ་ཡོད།
ད་ལྟ་བསམ་ན། ཨ་ཕའི་བཀའ་དྲིན་ནམ་ཡང་བརྗེད་མེད་ཡོད།
ད་ལྟ་བསམ་ན། ཨ་ཕའི་བཀའ་དྲིན་ནམ་ཡང་བརྗེད་མེད་ཡོད།
མི་རྟག་སྒྱུ་མའི་གྲོང་ནས་འབྲལ་དགོས་བྱུང་།
མ་ཎི་ཡིག་དྲུག་དབྱངས་ལ་གྱེར་བཞིན་དུ།
དེང་སང་བསམ་ན། ཨ་ཕ་དྲན་པའི་ཡིད་སེམས་སྐྱོ་བས་གང་།
དེང་སང་བསམ་ན། ཨ་ཕ་དྲན་པའི་སྐྱོ་གདུང་སུ་ལ་བཤད།