天缘奇遇 - 索郎甲措

索郎甲措

专辑:《天缘奇遇》

更新时间:2025-06-08 08:02:23

文件格式:mp3


天缘奇遇 - 索郎甲措 歌词

作曲 : 索朗甲措

作词 : 索朗甲措

ཚིག་དང་དབྱངས།དམངས་ཁྲོད།

གཞས་པ།བསོད་ནམས་རྒྱ་མཚོ།

ང་ད་ནངས་ཡོངས་སུ་ལམ་ཁར་ནས།།

འབྲི་དཀར་མོ་ཐིག་ལེ་ནག་ཐིག་ཅན།།

ང་གར་སོང་ངུར་སྒྲ་ལྡི་རི་རི།།

ཚེ་སྔོན་མའི་སྒོ་ཟོག་ཡིན་པ་འདྲ།།

ང་ད་ནངས་ཡོངས་སུ་ལམ་ཁར་ནས།།

རྟ་ཕོ་གསེར་སྲབ་གསེར་སྒ་ཅན།།

ང་གར་སོང་འཚེར་སྐད་སིལ་ལི་ལི།།

ཚེ་སྔོན་མའི་ཞོན་རྟ་ཡིན་པ་འདྲ།།

ང་ད་ནངས་ཡོངས་སུ་ལམ་ཁར་ནས།།

རོགས་ཆུང་ཆུང་ཁ་གཡང་ངོམ་གསལ་ཅན།།

ང་གར་སོང་ཁྲ་ཆུང་མིག་གིས་འཚོལ།།

ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།།