དྲིན་ཆེན་ཕ་མ།
感恩父母
ཚིག:གཉན•ཚངས་སྲས།
作词:念仓赛
དབྱངས།:གཉན•ཚངས་སྲས།
作曲:念仓赛
གཞས་མ།:རྡོ་རྗེ་སྒྲོལ་མ།
演唱:多杰卓玛
(歌词大意)
ངའི་ཕ་ལོ་དགུང་གི་ཉི་མ་ཡིན།
དགུང་ཉི་མའི་དྲོད་ཀྱིས་ང་རང་བརྐྱངས།
དྲོད་ཁྲི་གདུགས་ཉི་མ་མ་དོ་རུང་།
ཐུགས་བྱམས་བརྩེ་ཉི་མ་སེར་བོ་འདྲ།
ཨ ཕ་ལོ་ལགས།
ཐུགས་བྱམས་བརྩེ་ཉི་མ་སེར་བོ་འདྲ།
ངའི་མ་ལོ་དུང་གི་ཟླ་བ་ཡིན།
དུང་ཟླ་བའི་བསིལ་གྱིས་ང་རང་བརྐྱངས།
ཞལ་འཛུམ་དཀར་ཟླ་བ་མ་དོ་རུང་།
བྱམས་བརྩེ་བ་དགུང་གི་ཟླ་བ་འདྲ།
ཨ མ་ལོ་ལགས།
བྱམས་བརྩེ་བ་དགུང་གི་ཟླ་བ་འདྲ།
དྲིན་ཕ་མ་ལས་ཀྱི་ལམ་སྟོན་ཡིན།
དྲིན་ཕ་མ་སེམས་ཀྱི་དྲོད་ཐིག་ཡིན།
དྲིན་མཇལ་ཐབས་མེད་པའི་སེམས་དཔའ་ལགས།
སྐུ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།
ཨ དྲིན་ཆེན་ལགས།
སྐུ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།
未经许可,不得翻唱或使用