太阳谷 - 仁青土拓

仁青土拓

专辑:《太阳谷》

更新时间:2025-07-28 09:56:49

文件格式:flac


太阳谷 - 仁青土拓 歌词

太阳谷 - 仁青土拓

词:卓姆

曲:扎西次旦

རི་ལ་རི་སྣ་འཛོམས་ཡོད།

རི་མགོས་ཉི་ཟེར་གྱོན་ཡོད།

ཉི་མ་ལུང་པའི་མདོ་ལ།

ང་ཡི་ཕ་ཡུལ་ཆགས་ཡོད།

ཉི་མ་ལུང་པའི་མདོ་ལ།

ཕ་ཡུལ་ཆག་རྩེ་ཆགས་ཡོད།

ཆུ་ལ་ཆུ་སྣ་འཛོམས་ཡོད།

ཆུ་སྣ་ཡུལ་ལ་འཁོར་ཡོད།

ཆུ་མོ་ཤང་ཤང་ངོགས་ལ།

ང་ཡི་མ་སྲུ་མཆེད་ཡོད།

ཆུ་མོ་ཤང་ཤང་ངོགས་ལ།

ང་ཡི་མ་སྲུ་མཆེད་ཡོད།

ཨ་ལ་ཡེ།

ཕ་མེས་པའི་བློ་རིག་ཡར་ལ་བསྟོད།

སྤང་རྒྱན་མེ་ཏོག་ལ་ཡེ།

འདབ་མ་གྲོལ་བ་གནང་དང་།

རི་ལ་རི་སྣ་འཛོམས་ཡོད།

རི་མགོས་ཉི་ཟེར་གྱོན་ཡོད།

ཉི་མ་ལུང་པའི་མདོ་ལ།

ང་ཡི་ཕ་ཡུལ་ཆགས་ཡོད།

ཉི་མ་ལུང་པའི་མདོ་ལ།

ང་ཡི་ཕ་ཡུལ་ཆགས་ཡོད།

ས་ལ་དགེ་མཚན་འཛོམས་ཡོད།

མེས་ས་གསེར་གྱིས་བཟུང་ཡོད།

སྲིད་པ་གངས་ཀྱི་འདབ་ལ།

འབྲོག་གི་གཡང་གཞིས་ཆགས་ཡོད།

སྲིད་པ་གངས་ཀྱི་འདབ་ལ།

འབྲོག་གི་གཡང་གཞིས་ཆགས་ཡོད།

ཨ་ལ་ཡེ།

རིགས་དཀར་པོའི་རྒྱུན་ཐག་ཡར་ལ་བསྟོད།

གངས་ལྷ་མེ་ཏོག་ལ་ཡེ།

ཞལ་ཁ་ཕྱེ་བ་གནང་དང་།

ཨ་ལ་ཡེ།

རིགས་དཀར་པོའི་རྒྱུན་ཐག་ཡར་ལ་བསྟོད།

གངས་ལྷ་མེ་ཏོག་ལ་ཡེ།

ཞལ་ཁ་ཕྱེ་བ་གནང་དང་།

ཆུ་ལ་ཆུ་སྣ་འཛོམས་ཡོད།

ཆུ་སྣ་ཡུལ་ལ་འཁོར་ཡོད།

ཆུ་མོ་ཤང་ཤང་ངོགས་ལ།

ང་ཡི་མ་སྲུ་མཆེད་ཡོད།

ཆུ་ལ་ཆུ་སྣ་འཛོམས་ཡོད།

ཆུ་སྣ་ཡུལ་ལ་འཁོར་ཡོད།

ཆུ་མོ་ཤང་ཤང་ངོགས་ལ།

ང་ཡི་མ་སྲུ་མཆེད་ཡོད།

ཆུ་མོ་ཤང་ཤང་ངོགས་ལ།

ང་ཡི་མ་སྲུ་མཆེད་ཡོད།