雪域 - 洛桑甲措/卓玛吉
词:嘎代才让
曲:才仁巴桑
ཡུལ་ལ་བཟང་པོ།
མདོ་སྟོད་ནི་མི་ལ་གཤིས་རྒྱུད་ཡག་ས།
གཤིས་རྒྱུད་བཟང་པོ་ནི་ཡོན་ཏན་ཀུན་གྱི་གཞི་མ་སྟེ།
མདོ་སྟོད་མི་ཡི་སེམས་ལ་ཡོད་པས།
གང་ལ་སོང་ཡང་འཛུམ་མདངས་ནི་རྒྱས་ཡོད།
ཡུལ་ལ་བཟང་པོ།
གངས་ཅན་བོད་ཡུལ།
སེམས་ཀྱི་ཕ་ཡུལ་བུ་ངའི་ནང་སེམས་ཀྱི་བརྩེ་གཞས།
ངའི་ནང་སེམས་ཀྱི་བརྩེ་གཞས་སྐུ་ཉེ་ཚོར་འབུལ།
ཡུལ་ལ་བཟང་པོ།
མདོ་སྨད་ནི་རྟ་ལ་བང་ཁ་མྱུར་ས།
བང་ཁ་མྱུར་མོ་ནི་མགྱོགས་པ་རླུང་གི་དོ་ཡ་སྟེ།
མདོ་སྨད་རྟ་ཡི་རྒྱུད་ལ་ཡོད་པས།
གང་ལ་སོང་ཡང་གྲུབ་པ་ནི་བརྙེས་ཡོད།
ཡུལ་ལ་བཟང་པོ།
གངས་ཅན་བོད་ཡུལ།
སེམས་ཀྱི་ཕ་ཡུལ་བུ་ངའི་ནང་སེམས་ཀྱི་བརྩེ་གཞས།
ངའི་ནང་སེམས་ཀྱི་བརྩེ་གཞས་སྐུ་ཉེ་ཚོར་འབུལ།
ཡུལ་ལ་བཟང་པོ།
དབུས་གཙང་ནི་ཆོས་ལ་བསྟན་པ་དར་ས།
བསྟན་པ་རིན་ཆེན་ནི་བྱམས་དང་སྙིང་རྗེའི་བདག་པོ་སྟེ།
དབུས་གཙང་ཆོས་ཀྱི་ཡུལ་ལ་ཡོད་པས།
གང་ལ་སོང་ཡང་སྡིག་པ་ནི་སྤངས་ཡོད།
ཡུལ་ལ་བཟང་པོ།
གངས་ཅན་བོད་ཡུལ།
སེམས་ཀྱི་ཕ་ཡུལ་བུ་ངའི་ནང་སེམས་ཀྱི་བརྩེ་གཞས།
ངའི་ནང་སེམས་ཀྱི་བརྩེ་གཞས་སྐུ་ཉེ་ཚོར་འབུལ།