慈祥的父母 - 多扎西
词:罗降拥
曲:根呷
原唱:多扎西
ཟླ་དགུ་ཞག་བཅུ་ཁུར་བའི།།
དྲིན་ཅན་ཨ་མ་ལོ་ལོ།།
ཨ་རྩེད་གོམ་རྩེད་བསྩལ་བའི།།
དྲིན་ཅན་ཨ་མ་ལོ་ལོ།།
ནུ་འོ་བཅུད་གྱིས་གསོས་པའི།།
དྲིན་ཅན་ཨ་མ་ལོ་ལོ།།
དྲོད་མོ་གོས་ཀྱིས་བསྙོར་བའི།།
དྲིན་ཅན་ཨ་མ་ལོ་ལོ།།
ཉམས་མྱོང་བསླབ་བྱས་བསྐྱངས་བའི།།
དྲིན་ཅན་ཨ་ཕ་ལོ་ལོ།།
བུ་ངའི་མདུན་ལམ་སྟོན་པའི།།
དྲིན་ཅན་ཨ་ཕ་ལོ་ལོ།།
ངོ་གནག་སེམས་དཀར་ཅན་གྱི།།
དྲིན་ཅན་ཨ་ཕ་ལོ་ལོ།།
བརྩེ་བའི་ཐལ་ལྕག་རེ་རེ།།
དྲིན་ཅན་ཨ་ཕ་ལོ་ལོ།།
དྲིན་ལན་འཇལ་འདོད་ཡོད་ཀྱང་།།
དྲིན་ལན་ཁ་ལོག་ཚིག་ལོག།
ཤེས་མེད་བུ་ཆུང་བུ་ངས།།
དྲིན་ལན་འཇལ་དུས་ནམ་ཡིན།།
དྲིན་ཅན་ཨ་ཕ་ཨ་མ་།།
བདེ་ཅན་ཞིང་དུ་འདྲེན་པའི།།
དམ་ཆོས་དཀར་པོས་དྲིན་ལན།།
བུ་ངས་འཇལ་བའི་སྨོན་ལམ།།