青海湖 - 洛桑甲措/卓玛吉
词:嘎代才让
曲:娘则加
ངའི་མཚོ་ཆེན་མིག་གི་རྒྱལ་མོ་ཡིན།
ཞང་ཡ་རེ་ལོ།
ངའི་མཚོ་ཆེན་སྲོག་གི་སྐོམ་ཆུ་ཡིན།
ཞང་ཡ་རེ་ལོ།
ཚེ་རབས་ནས་ཚེ་རབས་ལ་གཞས་སུ་བྲིས་པའི།
མཚོ་འདི་མེས་པོའི་བླ་མཚོ།
དཀྲུག་དཀྲུག་མ་གཏོང།
དཀྲུག་དཀྲུག་མ་གཏོང།
ང་ཚོའི་མིག་ཀོང་ན་ལྷིང་འཇགས་ཀྱིས་འཁྱིལ་བའི།
ངའི་ཕ་མེས་ཡང་མེས་ཀྱི་ཁྲི་ཤོར་རྒྱལ་མོ།
འགྲོ་བ་རིགས་དྲུག་གིས་གཅེས་སྐྱོང་གནང་རོགས།
ངའི་མཚོ་ཆེན་ལུས་ཀྱི་ཟུངས་ཁྲག་ཡིན།
ཞང་ཡ་རེ་ལོ།
ངའི་མཚོ་ཆེན་གངས་ཀྱི་མེ་ལོང་ཡིན།
ཞང་ཡ་རེ་ལོ།
ཚེ་རབས་ནས་ཚེ་རབས་ལ་གཞས་སུ་བླངས་པའི།
མཚོ་འདི་མེས་པོའི་བླ་མཚོ།
དཀྲུག་དཀྲུག་མ་གཏོང་།
དཀྲུག་དཀྲུག་མ་གཏོང་།
ང་ཚོའི་སེམས་ངོགས་ན་ཞི་འཇམ་ཀྱིས་མེར་བའི།
ངའི་བུ་རབས་ཚ་རྒྱུད་ཀྱི་ཁྲི་ཤོར་རྒྱལ་མོ།
འགྲོ་བ་རིགས་དྲུག་གིས་གཅེས་སྐྱོང་གནང་རོགས།