谁·知 སུ་ཡིས་ཤེས། - 白玛旦增

白玛旦增

更新时间:2025-06-05 11:31:08

文件格式:flac

网盘下载

谁·知 སུ་ཡིས་ཤེས། - 白玛旦增 歌词

作词 : 白玛旦增

作曲 : 白玛旦增

སུ་ཡིས་ཤེས།

ཚིག་གདངས། པདྨ་བསྟན་འཛིན།

གནམ་གྲུ་དེ་འཕུར་གྱིན་འཕུར་གྱིན་བརླགས་བཞག

མོ་ཊ་དེ་འགྲོ་གིན་འགྲོ་གིན་ཟག་བཞག

ས་ཡོམ་དེ་གློ་བུར་དུ་རྒྱབ་བཞག

ནད་ཡམས་དེ་གློ་བུར་དུ་སླེབས་བཞག

བརྩེ་དུང་དེ་ཡོད་ཀྱིན་ཡོད་ཀྱིན་འགྱུར་བཞག

བགད་མོ་དེ་བགད་ཀྱིན་བགད་ཀྱིན་ངུས་བཞག

མཉམ་དུ་འཛོམས་ཀྱིན་འཛོམས་ཀྱིན་བྲལ་བཞག

ལང་ཚོ་དེ་ཡོད་ཀྱིན་ཡོད་ཀྱིན་རྒས་བཞག

དེ་ཚང་མ་མི་རྟག་པ་རེད།

དེ་ཚང་མ་མི་རྟག་པས་བཟོས།

འཇིག་རྟེན་འདི་མི་རྟག་པ་རེད།

ང་ཚོ་ཚང་མ་ཡང་མི་རྟག་པ་རེད།

རྒྱུ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ།

ཚེ་མི་རྟག་ལ་ཁའི་ཉི་མ་འདྲ།

Rap:

སྐྱེས་པ་ཐམས་ཅད་ཤི་རྒྱུ་ཡིན།

འདུས་བྱས་ཐམས་ཅད་མི་རྟག་པ།

ཟག་བཅས་ཐམས་ཅད་སྡུག་བསྔལ་བ།

ཆོས་ཐམས་ཅད་བདག་མེད་པ།

མིའི་མི་ཚེ་ཞི་མིའི་ཨ་སྟོང་ལ།

འཁྱུག་ཙམ་འཁྱུག་ཙམ་ཡུག་ཙམ་རེད།

མིིའི་མི་ཚེ་རི་རྩེའི་སྤྲིན་པ་འདྲ།

ད་ལྟ་ཡོད་ལ་ད་ལྟ་མེད་པར་འགྱུར།

མིའི་མི་ཚེ་མདང་གསུམ་རྨི་ལམ་འདྲ།

མངོན་གསུམ་ཡིན་ལ་དེ་ཡང་མངོན་གསུམ་མིན།

མིའི་མི་ཚེ་བཤད་ཚོད་ཐིག་རྒྱུ་མེད།

ད་ལྟ་ཡོད་ཀྱང་ད་ལྟ་མེད་པར་འགྱུར།

དགའ་བའི་མི་ལ་གཅེས་འཛིན་བྱེད།

རང་རང་དགའ་བའི་ལས་ཞིག་བྱས།

འགྱོད་པ་མེད་པའི་ལམ་ཞིག་གདམ།

སྙིང་པོ་ཡོད་པའི་མི་ཚེ་བསྐྱལ།

སང་ཉིན་དང་མི་རྟག་པ་གང་ཞིག་སྔོན་ལ་ཡོང་མིན་སུ་ཡིས་ཤེས།

སང་ཉིན་དང་མི་རྟག་པ་གང་ཞིག་སྔོན་ལ་ཡོང་མིན་སུ་ཡིས་ཤེས།