༼ཉི་མ་ལྷ་ས༽
ཚིག རོང་པའི་འབར་རྫས།
དབྱངས། ངག་དབང་འཇིགས་མེད།
ལེན་མཁན། ཨ་བན།
མཆོད་མཇལ་བྱེད་མཁན་མང་པོ།།
ཕྲེང་བ་ཕྱག་ཏུ་འཛིན་འདུག །
དགེ་སྡུག་སྤང་ལ་མྱོང་མཁན།།
ཞིང་མཆོག་ལྷ་ས་མང་འདུག
ཡུལ་ལྗོངས་གངས་ལྷ་བཙན་པོ།།
འབྲི་གཞེངས་བྱེད་མཁན་མང་འདུག །
ཚོང་ཁའི་རྦ་རླབས་སྒྲིག་ས།།
ཉི་མ་ལྷ་སའི་ཞིང་མཆོག །
ཉི་མ་~~~ཉི་མ།
ལྷ་ས་~~~~ལྷ་ས་།
ཉི་མ་ལྷ་ས་ལྷ་སའི་ཞིང་མཆོག །
ལྷ་སའི་བར་སྐོར་གླིང་ན།།
བོད་ཆས་གྱོན་མཁན་མང་འདུག །
མིག་མཐའ་མིག་ཆུ་གང་ནས།།
རེ་སྒུག་སྨོན་ལམ་ལྷག་འདུག །
རེ་སྒུག~~~རེ་སྒུག།
སྨོན་ལམ་~~~~སྨོན་ལམ།
རེ་སྒུག་སྨོན་ལམ་སྨོན་ལམ་ལྷག་འདུག།
ཉི་མ་ལྷ་སའི་བྱོ་དུ།
མཆོད་མཇལ་བྱེད་མཁན་མང་པོ།།
ཕྲེང་བ་ཕྱག་ཏུ་འཛིན་འདུག །
དགེ་སྡུག་སྤང་ལ་མྱོང་མཁན།།
ཞིང་མཆོག་ལྷ་ས་མང་འདུག
གཤིས་སྤྱོད་དེ་ལས་འདི་བཟང་འདུག
ནང་གི་སེམས་པ་དཀར་འདུག
བཞུགས་བཟང་དེ་རྒྱན་འབོར་རྟགས་ས།
ལྷ་སའི་དེ་བར་སྐོར་གླིང་ན།།
བོད་ཆས་གྱོན་མཁན་མང་འདུག །
མིག་མཐའ་དེ་མིག་ཆུ་གང་ནས།།
རེ་སྒུག་སྨོན་ལམ་ལྷག་འདུག །
མིག་མཐའ་དེ་མིག་ཆུ་གང་ནས།།
རེ་སྒུག་སྨོན་ལམ་ལྷག་འདུག །
ཨེ་་མ~~ཨེ་མ་ང་ཡི་ལྷ་ས།
དགེ་སྡུག་མྱོང་ཁུངས་ལྷ་ཡི་ཞིང་ཁམས།
ཕོ་བྲང་དམར་པོ་སེམས་ཀྱི་ཕ་ས།
བུ་ཆུང་ང་ཡི་སྨོན་ལམ་ཡང་ཡང་ཡང་འདེབས།
གཤིས་སྤྱོད་ལས་འདི་བཟང་འདུག
ནང་གི་སེམས་པ་དཀར་འདུག
བཞུགས་བཟང་རྒྱན་འབོར་རྟགས་ས།
ཉི་མ་ལྷ་ས་་་ཉི་མ་ལྷ་སའི་ཞིང་མཆོག།