00:00.97] ཨ་ཅག་འབྲོག་གི་བུ་མོ།
阿佳牧女
གཞས་ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
作词:岗尖土登扎西
གཞས་དབྱངས། ཕག་མོ་བཀྲ་ཤིས།
作曲:朋毛扎西
གཞས་པ། ཕག་མོ་བཀྲ་ཤིས།
演唱:朋毛扎西
རོལ་མོ། རིན་ཆེན།
编曲:仁青
སྒྲ་ལེན། བློ་བཟང་ཡར་འཕེལ།
录音:洛桑亚培
སྒྲ་ཞིབ་སྦྱོར། ཤེར་བྷ།
混音:谢尔巴
གྱོན་གོས། ཁ་དྲོ་གྱོན་ཆས་བཟོ་ཚོང་ཁང་།
服装:卡卓服装商店
དཔྱིད་གསུམ་མེ་ཏོག་ཁྲོད་ནས།།
在鸟语花香的春季
ཨ་ཅག་འབྲོག་གི་བུ་མོས།།
阿佳牧女的
ངག་གི་ཁུ་བྱུག་སྔོན་མོ།།
愉悦动听的歌声
གཡང་གི་ལྷས་རར་བབས་ནས།།
荡漾在牧场中
བཞོ་དབྱངས་སྙན་མོ་བླངས་ན།།
唱出挤奶歌
འབྲི་མོའི་ནུ་ཁ་ལྷོད་ཡོང་།།
母牛也沉醉其中
མར་ཕྱུར་སྣོད་ལ་གང་ཡོང་།།
于挤奶声完美融合
གཡང་གི་རུ་མ་འཁྱིལ་ཡོང་།།
仿佛是大自然的馈赠
དབྱར་གསུམ་ཆར་བའི་ནང་ནས།།
在海天云蒸的夏季
ཨ་ཅག་འབྲོག་གི་བུ་མོས།།
阿佳牧女
ལུས་ཀྱི་ཚིགས་དྲུག་སྨྱུག་མ།།
曼妙的身姿
ལྡེམ་ལྡེམ་ཚུར་ལ་ཕེབས་ནས།།
浮现在眼前
སེམས་ཀྱི་ཞིང་སར་སྐྱེས་ན།།
让人心生向往
སེམས་ཀྱི་སྨུག་པ་དྭངས་ཡོང་།།
抹去烦恼和忧愁
ཡིད་ཀྱི་དྲན་པ་སངས་ཡོང་།།
心情舒畅
གཡང་ཁྱིམ་གཅིག་ལ་འཛོམས་ཡོང་།།
生活充满阳光和希望
སྟོན་གསུམ་གསེར་ལྡན་དུས་སུ།།
金风玉露的秋季
ཨ་ཅག་འབྲོག་གི་བུ་མོས།།
阿佳牧女
འཛུམ་གྱི་པདྨ་དཀར་པོ།།
笑容满面
མཛེས་མཛེས་སྙིང་ལ་འཐིམ་ནས།།
笑语盈盈
མིག་གི་ལྟད་མོར་བཤམས་ན།།
瞬间融化人心
བརྩེ་བའི་འདུན་མ་འཁྲུངས་ཡོང་།།
令人难以忘怀
དུངས་བའི་དཀྲིས་གསུམ་རྒྱབ་ཡོང་།།
幸福来到身边
རེ་འབྲས་སེམས་ལ་སྨིན་ཡོང་།།
好运降临眼前
དགུན་གསུམ་ཁ་བའི་དུས་སུ།།
白雪皑皑的冬季
ཨ་ཅག་འབྲོག་གི་བུ་མོས།།
阿佳牧女
ལྷད་མེད་འཕྱོར་ལྭ་དཀར་པོ།།
身穿羊皮袄
སྤུས་ཡག་གོས་བཟང་འཛོམས་ནས།།
婉约柔美
ཟོལ་མེད་ལུས་ལ་གྱོན་ན།།
栩栩如生
བཅོས་མིན་རང་གཤིས་མཐོང་ཡོང་།།
坦诚直言
བསླུ་མེད་སེམས་པ་ཚོར་ཡོང་།།
如同阳光
ལམ་གཅིག་དམ་བཅའ་དྲན་ཡོང་།།
温暖人心