牧女 - 索南昂秀
词:藏韵
曲:才让多杰
原唱:索南昂秀
上传人:念藏仁青
录音师:周强加
拍摄:昂多
༡. ལུག་ཁྱུ་རི་ལ་བཀྲམ་ཡོད། །
རྫི་གཞས་ངག་ལ་བཀུག་ཡོད། །
སྨན་ཆུང་ལུག་རྫི་བུ་མོ། །
དྲན་པའི་ཡིད་ལ་འཁོར་ཡོད། །
ནོར་ཁྱུ་ལྷས་ན་སྐོར་ཡོད། །
འབྲི་མོ་རྡང་ལ་བཏགས་ཡོད། །
གཤིས་འཇམ་འབྲོག་རུའི་བུ་མོའི། །
བཞོ་དབྱངས་ངག་ལ་བཀུག་ཡོད། །
༢. འདོ་བ་རྟ་ཕོ་ཞོན་ཡོད། །
མགོ་དཀྲིས་གློ་དམར་དཀྲིས་ཡོད། །
ཚར་དཀར་གོང་བའི་ཁ་ནས། །
འཛུམ་ཆུང་མེ་ཏོག་བཞད་ཡོད། །
ཆར་ཆུ་མོད་པོའི་ནང་ལ། །
ཕྱིང་གོས་ལུས་ལྭ་གྱོན་ཡོད། །
ལྕི་ཟེའུ་རྒྱབ་ལ་ཁུར་ནས། །
རྐང་རྗེས་ལྷས་ལ་ཕབ་ཡོད། །
༣. ཐང་སྨུག་སྦྲ་ཆོན་བར་ནས། །
མཐུ་སྣེ་ལག་ལ་འཛིན་ཞིང་། །
མིག་ཟུང་རྒྱང་ལ་ཅེར་ནས། །
ཞེ་འདང་ལོ་ཟླར་བྲིས་ཡོད། །
ལག་ལ་འུར་ཆ་བཟུང་ཡོད། །
ཕྱུགས་ཟོག་རི་ནས་བསྐྱངས་ཡོད། །
མར་ཆུར་སྣོད་ལ་བསོགས་ནས། །
འཁོར་བ་ཐབས་ཀྱིས་བསྐྱངས་ཡོད། །
༤. ལག་ལ་ལས་དཀའ་འཛོམས་ཡོད། །
ཁྲེལ་ལ་ཕྱི་ཐག་ལྡན་ཡོད། །
མགོ་སྦྲ་སྨུག་པོའི་ནང་འཛིན། །
འབྲོག་རུའི་བུ་མོ་ཡིན་རེད། །
ཁ་འབྲས་ཡིད་དུ་འོང་བ། །
དམ་ཚིག་བརྩི་ཞིང་སྲུང་བ། །
ཁྲེལ་ལ་ཕྱི་ཐག་ལྡན་པའི།
འབྲོག་ཐང་འབྲོག་མོ་དྲན་ཡོང་། །