白玉扎西 - 布达拉
词:巴加
曲:民歌
ཕོ་བྲང་པོ་ཏ་ལ་ཡི།
བུ་ཆུང་ང་ཙམ་མ་ཟད།
འཛམ་གླིང་སྐྱེ་བོ་ཀུན་གྱི།
ཡིད་ཀྱི་བརྟན་པ་འཕྲོད་སོང།
ཕོ་བྲང་དཀར་པོའི་བརྗིད་ཉམས།
མིག་གིས་མཇལ་ཐེངས་རེ་ལ།
སེམས་པདཀར་པོའི་མི་རྣམས།
དགའ་སྤྲོ་ཐེངས་རེ་གནང་བྱུང་།
ཕོ་བྲང་དམར་པོའི་ནང་རྟེན།
གསེར་གདུང་འཛམ་གླིང་རྒྱན་གཅིག།
མི་ཚེ་གཅིག་ལ་མཇལ་ཡང་།
ད་དུང་ཡིད་སེམས་མ་གང་།
འཛམ་བུ་གླིང་གི་གཙུག་རྒྱན།
གངས་ལྗོངས་ཡུལ་གྱི་ནོར་བུ།
ཕོ་བྲང་པོ་ཏ་ལ་ཡི།
བུ་ངའི་མདུན་ལམ་བསྟན་སོང།