几度夕阳红 - 贡塔尔甲

三佰东主

专辑:《几度夕阳红》

更新时间:2025-05-25 05:22:31

文件格式:mp3

网盘下载

几度夕阳红 - 贡塔尔甲 歌词

几度夕阳红 - 三佰东主

词:多智合

曲:三佰东主

(未经许可,不得翻唱或使用)

དགུང་ཉི་མ་ནུབ་རིར་ཡིབ་ཐལ།།

རི་ཆེན་པོར་གྲིབ་ཆེན་ཁུགས་ཐལ།།

བྱ་འདབ་ཆགས་ཚང་ལ་བསྙེགས་ཐལ།།

རྟ་ནོར་ལུག་ལྷས་ལ་འཁོར་ཐལ།།

ས་ཐག་རིང་ཡུལ་ལ་བལྟ་དུས།།

ལམ་སྐྱ་མོ་གནམ་གྱི་མཐའ་རེད།།

ས་འདི་ཡི་ས་མིང་མི་ཤེས།།

སྡེ་འདི་ཡི་སྡེ་མིང་མི་ཤེས།།

ངའི་འགྲོ་རོགས་དུང་བྱ་དཀར་མོ།།

ང་འདུག་སའི་གནས་ཚང་གང་ཡིན།།

དགུང་ཉི་མ་ལ་ཁའི་རྩེ་རེད།།

རྟ་ནོར་ལུག་ལྷས་ཀྱི་མཐའ་རེད།།

ལ་མཐོན་པོ་གཤོག་པས་བཅད་རུང་།།

ཐང་ཆེན་པོ་གནམ་གྱི་མཐའ་རེད།།

དགུང་ཕྱི་དྲོའི་ས་རྩ་རུབ་ཐལ།།

ངའི་སེམས་རྩ་རྟ་ཕོའི་བྲེལ་རེད།།

ས་འདི་ཡི་ས་ངོ་ཨི་ཤེས།།

སྡེ་འདི་ཡི་སྡེ་མིང་ཨི་ཤེས།།

ངའི་འགྲོ་རོགས་དུང་བྱ་དཀར་མོ།།

ང་འདུག་སའི་གནས་ཚང་གང་ཡིན།།

ས་འདི་ཡི་ས་ངོ་ཨི་ཤེས།།

སྡེ་འདི་ཡི་སྡེ་མིང་ཨི་ཤེས།།

ངའི་འགྲོ་རོགས་དུང་བྱ་དཀར་མོ།།

ང་འདུག་སའི་གནས་ཚང་གང་ཡིན།།