妙音之供 - 岗贡加

岗贡加

娜龙玛

专辑:《妙音之供》

更新时间:2025-05-16 21:20:39

文件格式:mp3

网盘下载

妙音之供 - 岗贡加 歌词

妙音之供 - 岗贡加/娜龙玛

词:喜阳

曲: 岗贡加

(未经许可,不得翻唱或使用)

རྫ་ཆུ་དྭངས་མོས་མཆོད་གསུམ་འཕངས་ནས་ངག་གི་སྙན་པ་རྫ་ལ་གཏོར།

སྤང་ལྗོངས་སྔོན་མོ་གདན་དུ་བཏིང་ནས་བརྩེ་བ་དྲོན་མོ་ཚིག་ལ་བསྟར།

བྱེའུ་ཆུང་ཅོ་ཀའི་དྲེ་འགྱུར་ཁྲོད་ནས་སྣང་བའི་གཞས་ཤིག་དེ་རིང་རྩོམ།ཡཱ།

དབྱངས་ཀྱི་ཟིལ་བ་ཁྲོམ་སེ་ཁྲོམ།་་་ཡཱ།

ཚིག་གི་ན་ལོ་ལྡེམ་སེ་ལྡེམ།་་་ཡཱ།

ངག་གི་གཞས་ཆུང་སྙན་སེ་སྙན།་་་ཡཱ།

གཞས་ཀྱི་ལམ་ཁ་དཀར་སེ་དཀར།་་་ཡཱ།

དགའ་ཨ་རེ་ལ་མོ། ངས་གླུ་འདི་དགུང་སྔོན་གནམ་ལ་མཆོད།་་་ཡཱ།

དགའ་ཨ་རེ་ལ་མོ། ངས་གླུ་འདི་དོག་མོ་ས་ལ་མཆོད།་་་ཡཱ།

ཉི་ཟེར་འཇམ་པོ་པང་དུ་བླངས་ནས་སྣང་ཆུང་མེ་ཏོག་ཚིག་གིས་བསླས།

སྤྲིན་པ་དཀར་པོ་སེམས་སུ་བཅིངས་ནས་གཞོན་པའི་ལང་ཚོ་དབྱངས་ལ་བརྒྱུས།

སྨིན་དྲུག་ཕྲ་མོའི་མཛེས་པ་གླེང་བཞིན་ཚོར་བའི་གཞས་ཞིག་དེ་རིང་རྩོམ་ཡཱ།

དབྱངས་ཀྱི་སྐར་ཚོགས་ཁྲ་ལམ་ལམ།་་་ཡཱ།

ཚིག་གི་མེ་ཏོག་ལྡེམ་སེ་ལྡེམ།་་་ཡཱ།

མགྲིན་པའི་དྲེ་འགྱུར་སོ་ལོ་ལོ།་་་ཡཱ།

སྣང་གཞས་སྙན་མོ་སེང་སེ་སེང་།་་་ཡཱ།

དགའ་ཨ་རེ་ལ་མོ། ངས་གླུ་འདི་ཕ་དང་ཨ་ཁུར་མཆོད།་་ཡཱ།

དགའ་ཨ་རེ་ལ་མོ། ངས་གླུ་འདི་མ་དང་སྲི་མོར་མཆོད།་་་ཡཱ།