悲歌在山 - 曲杨卓玛

曲杨卓玛

专辑:《悲歌在山》

更新时间:2025-06-20 20:55:26

文件格式:mp3


悲歌在山 - 曲杨卓玛 歌词

悲歌在山 - 曲杨卓玛

词:才布扎

曲:赞丹罗马

发行:甘肃省观察时代文化传播有限公司

CP:嗨家文化

ལྷོ་སྤྲིན་པ་དཀར་རེས་ནག་རེས་རེད། །

ཆར་བསིལ་མ་འབབ་རེས་ཐང་རེས་རེད། །

ལས་སྐྱིད་སྡུག་ལུང་བའི་ཉིན་སྲིབ་ཏུ། །

གཏམ་ཡག་བཙོག་གཉིས་ཀ་གོ་ཐོས་ཡོད། །

འདང་མི་འགྱུར་ཁས་ལེན་མི་ཐུབ་རུང་། །

རྫུན་གཡོ་སྒྱུས་མི་སེམས་མི་བསླུ་རོགས། །

བྱ་ཁུ་ལོ་འཕུར་རེས་འདུག་རེས་རེད། །

ནགས་ནེམ་ལོ་འཐོར་རེས་འཛོམས་རེད། །

ལས་སྐྱིད་སྡུག་ལུང་བའི་ཉིན་སྲིབ་ཏུ། །

བྱ་ལེགས་ཉེས་གཉིས་ཀ་འཕྲད་མྱོང་ཡོད། །

བྱ་ལེགས་ཉེས་གཉིས་ཀ་འཕྲད་མྱོང་ཡོད། །

སྡེ་མྱི་ཁའི་སྐད་ཆ་མི་ཉན་རོགས། །

དགུང་ཉི་མ་དྲོ་རེས་འཁྱག་རེས་རེད། །

རྫ་སྤང་རི་སྐྱ་རེས་སྔོ་རེས་རེད། །

ལས་སྐྱིད་སྡུག་ལུང་བའི་ཉིན་སྲིབ་ཏུ། །

མྱི་བཟང་ངན་གཉིས་ཀ་འགྲོགས་འདྲིས་ཡོད། །

སེམས་སྐྱ་མོའི་ནང་ལུང་མི་རྟོགས་རུང་། །

ཚིག་རྩུབ་མོས་སེམས་པ་མི་གསོད་རོགས། །

བྱ་ཁུ་ལོ་འཕུར་རེས་འདུག་རེས་རེད། །

ནགས་ནེམ་ལོ་འཐོར་རེས་འཛོམས་རེད། །

ལས་སྐྱིད་སྡུག་ལུང་བའི་ཉིན་སྲིབ་ཏུ། །

བྱ་ལེགས་ཉེས་གཉིས་ཀ་འཕྲད་མྱོང་ཡོད། །

བྱ་ལེགས་ཉེས་གཉིས་ཀ་འཕྲད་མྱོང་ཡོད། །

སྡེ་མྱི་ཁའི་སྐད་ཆ་མི་ཉན་རོགས། །