麦曲丹 · 情歌 - 麦~曲丹 旺青甲 班玛措 索朗德嘎
བརྩེ་གཞས།
གཞས་ཚིག དམངས་ཁྲོད།
གཞས་དབྱངས། ཙན་དན་ལོ་མ།
ལེན་མཁན། རྨེ་ཆོས་ལྡན། པདྨ་མཚོ།
བསོད་ནམས་བདེ་དཀར། དབང་ཆེན་སྐྱབས།
ང་ད་ནངས་དུང་དཀར་ཡུལ་ནས་འོངས།
ངའི་ལག་ན་དུང་དཀར་ཆ་བདུན་ཡོད།
འབུད་ཤེས་མཁན་ཞིག་གི་བུས་བཏང་ན།
དགོན་ཆེན་པའི་འཚོགས་དུང་བྱས་ན་ཆོག
ང་ད་ནངས་སྡེ་ཆེན་དཀྱིལ་ནས་འོངས།
ངའི་ཁ་ན་བརྩེ་གཞས་བསྡུས་མ་ཡོད།
ལེན་ཤེས་མཁན་ཞིག་གི་བླངས་བཏང་ན།
རྗེ་མི་ལའི་མགུར་མ་བྱས་ན་ཆོག
སྟོད་དབུས་གཙང་ཆོས་ར་ནང་ནས།
ཆོས་འདོན་གི་ཚད་ལྡན་བླ་མས།
ལག་མི་དལ་ཕྲེང་ཆུང་བགྲང་ནས།
ཁ་མི་དལ་ཀུན་རིག་གསུངས་ན།
ང་ཆོས་དད་ཅན་གྱི་འདོད་རེད།
སྡེ་ཆེན་པོ་རྩེད་ར་ནང་ནས།
ངའི་ཆུང་འདྲེས་བྱམས་པ་ཁྱེད་ཀྱིས།
ཁ་མི་དལ་རྩེ་གཞས་བླངས་ནས།
ལག་མི་དལ་ལག་བརྡ་བྱེད་ནས།
ངའི་ཆུང་འདྲེས་བྱམས་པ།