师生之谈 - 谢旦/洛桑
ཚིག་རྩོམ་མཁན།ཁ་བ་རྒྱལ།
词:卡瓦加
དབྱངས། ཆོས་མཆོག
曲:曲乔
གཞས་པ།ཤེར་བསྟན།བློ་བཟང་།
歌手:谢旦/洛桑
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
སློབ་ཕྲུག
སྤྲིན་དཀར་དཀར་འདྲ་ལེ་གངས་རི་གཅིག
གཡུ་མེ་ལོང་འདྲ་འུ་མཚོ་མོ་གཉིས།།
གན་སྲིད་པ་ཆགས་པའི་དན་རྟགས་ཡིན།།
གན་ཐུ་བྷོད་ཚང་གི་སྙིང་སྟོབས་ཡིན།།
དགེ་རྒན
སྤྲིན་དཀར་དཀར་འདྲ་ལེ་གངས་རི་དང་།།
གཡུ་ཡི་མེ་ལོང་འདྲ་འུ་མཚོ་མོ་གཉིས།།
ངའི་ཤ་དང་རུས་པའི་ཟུངས་ཁྲག་ཡིན།།
ངའི་ལས་དང་ལམ་གྱི་ཁ་ཡིག་ཡིན།
སློབ་ཕྲུག
ལས་རྒྱུ་འབྲས་འཁོར་བའི་མེ་ལོང་གཅིག །
སེམས་བཟང་པོ་ཞོ་གསར་ཆགས་འདྲ་གཉིས།།
གན་ཨ་ཕའི་སེམས་ཀྱི་སྲུང་བྱ་ཡིན།།
གན་ཨ་མའི་ངག་གི་བསླབ་བྱ་ཡིན།།
དགེ་རྒན
ལས་རྒྱུ་འབྲས་འཁོར་བའི་མེ་ལོང་དང་།།
སེམས་བཟང་པོ་ཞོ་གསར་ཆགས་འདྲ་གཉིས།།
ངའི་ལུས་དང་འགྲོག་པའི་གྲིབ་མ་ཡིན།།
ངའི་གངས་དཀར་སེམས་ཀྱི་རྡོ་རིང་ཡིན།།
ཨ་རོགས།
ལས་རི་མོ་འགྲིག་པའི་སྤུན་ཟླ་དང་།།
ནང་མཐུན་སྒྲིལ་ཟབ་པའི་མི་རིགས་གཉིས།།
འོད་ས་ལ་ཕོག་འདྲའི་ཟེར་བ་ཡིན།།
ངའི་གླུ་སྐད་ནང་གི་དྲན་ཤིང་ཡིན།།
ངའི་གླུ་སྐད་ནང་གི་དྲན་ཤིང་ཡིན།།