阿隆拉姆 - 桑杰才让

桑杰才让

专辑:《雪域星辉》

更新时间:2025-05-16 01:55:33

文件格式:mp3

网盘下载

阿隆拉姆 - 桑杰才让 歌词

阿隆拉姆 - 桑杰才让

ཚིག རྨ་འོད།

词:玛奥

དབྱངས། བསམ་འགྲུབ་ཚེ་རིང་།

曲: 三智才让

ལེན་མཁན། སངས་རྒྱས་ཚེ་རིང་།

演唱: 桑杰才让

ནམ་མཁའ་ཡར་ལ་གཟིགས་དང་།།

ཡར་ལྷ་ཤམ་པོ་མཐོང་ཡོང་།།

དབུ་རྩེ་གནམ་ལ་ཟུག་པ།།

གནམ་གྱི་ཀ་བ་འདྲ་སོང་།།

དབུ་ཞྭ་དབུ་ལ་བསྐོར་ནས།།

ཀི་སྭ་ལན་གསུམ་གནོངས་དང་།།

གནམ་ས་གཅིག་ལ་ཆགས་པའི།།

བཀྲ་ཤིས་རྟེན་འབྲེལ་འགྲིག་ཡོང་།།

རི་བོ་གཅིག་ལ་ཆགས་ཤོག།

རི་རྒྱུད་གཅིག་ལ་ཆགས་ཤོག།

རི་བོའི་ཕ་རོལ་ཚུར་རོལ།།

རི་བདག་གཅིག་ལ་ཆགས་ཤོག།

སྤང་གཞུང་ཡར་ལ་གཟིགས་དང་།།

ཡར་ཀླུང་གཙང་བོ་མཐོང་ཡོང་།།

གཙང་ཆུ་སྤང་ལ་འཁྱུག་པ།།

སྤང་གི་ལྕགས་རི་འདྲ་སོང་།།

གསེར་སྐྱོགས་གཡས་ལ་སྐྱོར་ནས།།

གཙང་ཆབ་ལན་གསུམ་མཆོད་དང་།།

གནམ་ས་གཅིག་ལ་ཆགས་པའི།།

བཀྲ་ཤིས་རྟེན་འབྲེལ་འགྲིག་ཡོང་།།

གཙང་ཆུ་གཅིག་ལ་ཆགས་ཤོག།

གཙང་གྲུ་གཅིག་ལ་ཆགས་ཤོག།

གཙང་བོའི་ཕ་རོལ་ཚུར་རོལ།།

གཙང་གཞུང་གཅིག་ལ་ཆགས་ཤོག།

གཙང་ཆུ་གཅིག་ལ་ཆགས་ཤོག།

གཙང་གྲུ་གཅིག་ལ་ཆགས་ཤོག།

གཙང་བོའི་ཕ་རོལ་ཚུར་རོལ།།

གཙང་གཞུང་གཅིག་ལ་ཆགས་ཤོག།

གཙང་བོའི་ཕ་རོལ་ཚུར་རོལ།།

གཙང་གཞུང་གཅིག་ལ་ཆགས་ཤོག།